当前位置: 首页 > 德育频道 > 祁连县民族民族中学疫情防控措施宣传

祁连县民族民族中学疫情防控措施宣传

2020年10月22日 19:47:47 访问量:397

  མདོ་ལ་རྫོང་མི་རིགས་སློབ་འབྲིང་གི་རིམས་འགོག་བྱེད་ཐབས་དྲིལ་བསྒྲགས།

    སྨན་པའི་ལས་སྣེ་བ་དག་གཙོ་བྱས་ཏེ་ལས་རིགས་སོ་སོའི་ལས་མི་རྣམས་ཀྱི་འབད་བརྩོན་འོག  ད་ལྟའི་ཆར་རང་ཞིང་དང་ཐ་ན་རྒྱལ་ཡོངས་ཧྲིལ་བོའི་རིམས་ནད་འགོག་བཅོས་ཀྱི་ཐད་ལ་གྲུབ་འབྲས་མངོན་གསལ་ཞིག་བླངས་ཟིན་ནའང་། རྩ་བ་ནས་རིམས་ནད་ལ་ཚོད་འཛིན་ཐུབ་མེད་པས། སྔོན་འགོག་གི་ལས་འགན་ཐད་སྔར་བཞིན་དཀའ་ཚེགས་ཆེ་བ་ཡིན། དེ་བས་དགེ་སློབ་ཡོངས་ནས་རིམས་ནད་ཀྱི་གནས་སྟངས་ལ་རྩིས་མཐོང་ཆེན་པོ་བྱས་ཏེ་རང་ཁྱིམ་དང་སློབ་གྲྭའི་ཁོར་ཡུག་གང་དུའང་རིམས་ནད་འགོག་བཅོས་ཀྱི་ཐད་དུ་ལྷོད་གཡེང་གཏན་ནས་བྱེད་མི་རུང་ལ། ལྷག་པར་དུ་དགེ་རྒན་རེ་རེ་ནས་རིམས་ནད་ཀྱི་གནས་སྟངས་དང་འགོག་བཅོས་ཀྱི་བྱ་བའི་རྒྱུན་ཤེས་སྐོར་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། དྲྭ་ལམ་སློབ་ཁྲིད་དང་སྨྱན་བྱེད་གསར་བའི་འཕྲིན་ལམ་བརྒྱུད་དེ་སློབ་མ་དང་ཁྱིམ་བདག་ལ་རིམས་འགོག་དང་འབྲེལ་བའི་ཤེས་བྱ་དྲིལ་བསྒྲགས་གནང་དགོས། 
དང་པོ། ནད་དུག་གི་ཡོང་ཁུངས།
ཞིབ་འཇུག་གི་འབྲས་བུ་ལྟར་ན་གསར་ཐོན་ཏོག་དབྱིབས་ནད་དུག་གི་མཆེད་ཁུངས་ནི་ཕ་ཝང་ཡིན་ཏེ། མི་རྣམས་ཀྱིས་ནད་དུག་ཅན་གྱི་རི་སྐྱེས་སྲོག་ཆགས་ཁ་ཟས་སུ་བསྟེན་པས་ནད་དུག་འགོས་ཁྱབ་བྱུང་ཞིང་། ང་ཚོས་དུས་རྒྱུན་མཐོང་བའི་སྦྲུལ་དང་སྦལ་བ། འཕྱི་བ་སོགས་ཀྱི་ལུས་སུའང་ནད་དུག་ངེས་ཅན་རེ་ཡོད་པར་མ་ཟད་ནད་དུག་དེ་དག་མིའི་རིགས་ལ་འགོས་ཁྱབ་བྱུང་སླ་བ་ཡིན། 
མདོ་ལ་རྫོང་ནི་མདོ་དབུས་མཐོ་སྒང་དུ་གནས་ཤིང་། རྩྭ་ཐང་དུ་འཚོ་སྡོད་བྱས་ཡོད་པའི་འཕྱི་བ་དང་ཙི་གུ  ཝ་སྤྱང་བཅས་ཀྱི་ལུས་སུའང་ནད་དུག་ངེས་ཅན་རེ་གནས་ཡོད།  མི་མང་པོ་ཞིག་ཝ་སྤྱང་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཤ་རུས་དང་པགས་པའི་རིན་ཐང་ལ་ཧམ་སེམས་སྐྱེས་ཏེ་《རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་བཅའ་ཁྲིམས》ལ་རྒྱབ་འགལ་གྱིས་རྔོན་ལས་བྱེད་པའི་སྤྱོད་ལམ་དེ་ནི་ཁྲིམས་ལུགས་དང་འགལ་བར་མ་ཟད་རང་གཞན་གཉིས་ཀྱི་ཚེ་སྲོག་ལའང་ཉེན་ཁ་ཤིན་ཏུ་ཆེ།དེ་བས་དགེ་རྒན་རྣམས་ཀྱིས་ངེས་པར་དུ་སློབ་མ་དང་ཁྱིམ་བདག་གི་འབྲེལ་ཡོད་དྲིལ་བསྒྲགས་ལས་ཀ་ལ་ཤུགས་སྣོན་བྱས་ཏེ། རི་སྐྱེས་སྲོག་ཆགས་རྔོན་མི་རུང་བ་དང་རི་སྐྱེས་སྲོག་ཆགས་ཁ་ཟས་སུ་བསྟེན་མི་རུང་བ། རི་སྐྱེས་སྲོག་ཆགས་དང་ཉེ་བར་བཅར་མི་རུང་བའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས་ཤིང་།  དེ་ལྟ་བུའི་སྣང་ཚུལ་མཐོང་ནའང་དུས་ཐོག་ཏུ་ཡར་ཞུ་བྱས་ཏེ་ནད་འགོག་གི་བྱ་བར་རྒྱབ་སྐྱོར་བྱེད་དགོས། 
གཉིས་པ། ནད་དུག་གི་འགོས་ལམ།
ནད་དུག་མཐའ་དག་ཐད་ཀར་དུ་མཐོང་མི་ཐུབ་པ་དེས་རིམས་འགོག་གི་བྱ་བར་དཀའ་ཁག་སྤྲད་ཡོད་ཕྱིན། ང་ཚོས་ངེས་པར་དུ་ནད་དུག་གི་འགོས་ལམ་ལ་རྒྱུས་ལོན་བྱས་ཏེ་རིམས་འགོག་གི་ལས་ཆོད་ཆེ་རུ་གཏོང་དགོས། ནད་དུག་གི་ངོ་བོ་ལ་འགྱུར་ལྡོག་བྱུང་བ་དེས་ནད་དུག་གི་འགོས་ལམ་གསར་བ་བྱུང་ཡང་སྲིད་མོད། མིག་སྔར་གཏན་འཁེལ་བྱུང་བའི་འགོས་ལམ་གཙོ་བ་ལ་གཤམ་གསལ་གྱི་ཕྱོགས་འགའ་ཡོད་དེ།  
༡ མཆིལ་ཟེགས་ལས་འགོ་བ།
ནད་དུག་ཅན་གྱིས་དབུགས་འབྱིན་རྔུབ་བྱེད་པ་དང་སྐད་ཆ་བཤད་སྐབས་བྱུང་བའི་མཆིལ་ཟེགས་ལས་ནད་དུག་འབོར་ཆེན་ཞིག་མཆེད་ཀྱིན་ཡོད་པས། དེ་ལ་ཉེ་བར་བཅར་ཏེ་འབྲེལ་འདྲིས་བྱེད་མཁན་ལ་ཐད་ཀར་དུ་འགོས་སྲིད་ཅིང་། དེ་ལྟ་བུའི་འགོས་ལམ་ནི་མིག་སྔའི་ནད་དུག་གི་འགོས་ལམ་གཙོ་བོ་ཞིག་ཡིན། དེ་བས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཁ་ཐུམ་རྒྱག་པ་དང་། ཧབ་སྦྲིད་རྒྱག་སྐབས་ལག་རས་ཀྱིས་ཁ་སྣ་འགེབ་པ། མི་གཞན་དང་ཁ་བརྡ་བྱེད་སྐབས་བར་ཐག་ངེས་ཅན་ཞིག་འཇོག་རྒྱུ་ནི་རིམས་འགོག་གི་གནད་གཙོ་བོ་ཞིག་ཡིན། 
༢ ཐུག་རེག་ལས་འགོ་བ།
ནད་དུག་ཅན་གྱི་མིས་བཀོལ་ཟིན་པའི་དངོས་པོ་སྟེ། སྒོའི་འཛིན་སྐྱོར་དང་སྨྱུ་གུ  དཔེ་དེབ་སོགས་ལས་ནད་དུག་འགོས་ཁྱབ་བྱུང་སླ་བས། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དགེ་སློབ་ཚང་མས་ལག་པ་གཙང་བཀྲུ་བྱེད་པ་སོགས་གཙང་སྦྲ་ལ་དོ་སྣང་བྱེད་དགོས་ཤིང་། སློབ་སྦྱོང་གི་མཁོ་ཆས་མཉམ་སྤྱོད་བྱེད་མི་རུང་ལ། མི་མང་འདུ་སའམ་ཐམས་ཅད་ཀྱིས་འབྲེལ་འདྲིས་བྱེད་གནས་ལ་དུས་ཐོག་ཏུ་དུག་སེལ་བྱེད་པའམ་ཐུག་རེག་བྱེད་པར་སྔོན་འགོག་བྱེད་དགོས། 
༣ བཤང་གཅི་ལས་འགོ་བ།
ནད་དུག་ཅན་གྱིས་དོར་ཟིན་པའི་བཤང་གཅི་ལས་ཀྱང་ནད་དུག་འབོར་ཆེན་ཞིག་མཆེད་འོང་བས། བཤང་གཅི་དོར་མ་ཐག་དུས་ཐོག་ཏུ་ཆུ་བཤལ་རྒྱག་པ་དང་། གསང་སྤྱོད་ཁང་ལ་དུག་སེལ་གང་ལེགས་བྱེད་དགོས། 
༤ རླུང་གཟུགས་ལས་འགོ་བ།
འགོས་ལམ་འདིའི་རིགས་ལ་ང་ཚོ་གསལ་ཆ་ཆེན་པོ་མེད་དེ། ནད་དུག་ཅན་གྱིས་དབུགས་འབྱིན་པ་ལས་ཕྱིར་བཏོན་པའི་མཆིལ་ཟེགས་དེ་དུས་ཡུན་ངེས་ཅན་ཞིག་གི་རིང་མཁའ་རླུང་ཁྲོད་ལྡིང་སྐོར་བྱས་རྗེས་དབུགས་རྔུབ་མཁན་གང་དེར་སླར་ཡང་འགོས་ཁྱབ་བྱུང་བ་ཡིན། དེ་བས་ཁ་ཐུམ་རྒྱག་པ་དང་། དུས་ཐོག་ཏུ་དུག་སེལ་བྱེད་པ་ནི་རིམས་འགོག་གི་ལས་རིམ་ཁྲོད་དོ་སྣང་བྱ་ཡུལ་གཙོ་བོ་ཞིག་ཡིན།
གསུམ་པ། རིམས་འགོག་གི་འདུ་ཤེས་ལ་ཤུགས་སྣོན་བྱེད་སྟངས། 
སློབ་གྲྭའི་རིམས་ནད་འགོག་བཅོས་ཀྱི་ཆ་རྐྱེན་དང་བྱེད་ཐབས་ནི་དམིགས་བསལ་བ་ཞིག་ཡིན་པས་དགེ་སློབ་དག་གི་སློབ་སྦྱོང་དང་བྱ་བའི་གནས་ཚུལ་དངོས་ལ་གཞིགས་ཏེ་གཤམ་གསལ་གྱི་རིམས་འགོག་བྱེད་ཐབས་ལག་ལེན་མཐའ་འཁྱོལ་ཡོང་བ་བྱེད་དགོས། 
༡ དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་ངེས་པར་དུ་ཁ་ཐུམ་རྒྱག་པ།
༢ དགེ་སློབ་ཡོངས་ནས་ལག་པ་གཙང་བཀྲུ་བྱེད་པ་སོགས་ཀྱི་འཕྲོད་བསྟེན་རྒྱུན་འཁྱོངས་བྱེད་པ། 
༣ ༣བཅའ་སྡོད་སློབ་མ་ཡོངས་ཀྱིས་དུས་བགོས་དང་ཁག་བགོས་ཀྱིས་གསོལ་ཚིགས་བཞེས་པ།

 ༤ སློབ་ཁྲིད་ཀྱི་མཇུག་དུ་དགེ་སློབ་ཕན་ཚུན་འབྲེལ་འདྲིས་བྱེད་སྐབས་ཀྱང་ངེས་པར་དུ་ཁ་ཐུམ་རྒྱག་པ། 
༥ ལས་ཚོགས་སྐབས་སུ་དགེ་རྒན་རྣམས་ཀྱི་རླངས་འཁོར་གང་འདོད་དུ་སློབ་རའི་ཕྱིར་མི་འབུད་པ། 
༦ གང་སར་གད་སྙིགས་མི་འཕེན་པར་གཞུང་ལས་ཁང་དང་དགེ་རྒན་གྱི་སྡོད་ཁང་། སློབ་མའི་མལ་ཁང་། སློབ་ཁང་། སློབ་རའི་ཁོར་ཡུག་བཅས་ཀྱི་གཙང་སྦྲ་ལ་དོ་སྣང་བྱེད་པ།
༧ འཛིན་བདག་གིས་དུས་དང་རྣམ་པ་ཀུན་དུ་སློབ་མའི་བདེ་ཐང་གི་གནས་ཚུལ་ལ་ཡིད་འཇོག་བྱེད་པ། 
༨ སློ་རའི་ཕྱི་ན་སྡོད་པའི་དགེ་རྒན་དང་ཉིན་རྒྱུག་སློབ་མ་འགྲོ་འོང་བྱེད་སྐབས་ལུས་དྲོད་ལ་བརྟག་དཔྱད་བྱེད་པ་སོགས་བདེ་འཇགས་ལ་ཁག་ཐེག་བྱེད་པ། 
༩ གཞུང་ལས་ཁང་དང་མལ་ཁང་། སློབ་ཁང་བཅས་སུ་མཁའ་རླུང་རྒྱུ་རུ་འཇུག་པ་དང་། ལུས་ཕུང་སྦྱོང་བརྡར་ལ་ཤུགས་སྣོན་བྱེད་པ།
༡༠ ཁོར་ཡུག་ལ་གཅེས་སྤྲས་དང་། ཐུན་མོང་གིས་རིམས་འགོག་བྱེད་པ་སྟེ། འཕྲོད་བསྟེན་དང་འབྲེལ་བའི་བྱ་འགུལ་མཐའ་དག་ལ་ཧུར་ཐག་གིས་ཞུགས་པ།
༡༡ དཀྲོག་གཏམ་ལ་ཡིད་རྟོན་མི་བྱེད་པ་དང་དཀྲོག་གཏམ་གང་འདོད་དུ་མི་སྤེལ་བ། 
༡༢ དགེ་སློབ་ཚང་མ་སློབ་རའི་ཕྱིར་མི་འབུད་པའམ་སྒོ་ཕྱིར་འགྲོ་བ་ཉུང་དུ་གཏོང་བ། 
༡༣ རྔོན་ཤ་གཏན་འགོག་བྱེད་པ་སོགས་གང་ནུས་ཀྱིས་རི་སྐྱེས་སྲོག་ཆགས་དང་འབྲེལ་ལམ་གཅོད་པ།
༡༤ འགྲོ་འདུག་སྤྱོད་གསུམ་ལ་ཡིད་གཟབ་དང་། ཆོས་ཉིད་དང་མཐུན་པའི་ངང་ནས་ལས་ཀ་སྒྲུབ་ཅིང་ངལ་གསོ་བྱེད་པ། 
༡༥ འབྲེལ་ཡོད་ཞིབ་བཤེར་ལ་བསྟུན་ཤེས་བྱས་ནས་དོན་དངོས་སྙན་ཞུ་བྱེད་པ་སྟེ། དགེ་སློབ་སུ་ལ་ཚ་བ་རྒྱས་པ་དང་སྐམ་ལུ་བྱེད་པ། དབུགས་འབྱིན་རྔུབ་དཀའ་བ་སོགས་ཀྱི་སྣང་ཚུལ་བྱུང་ཚེ་དུས་ཐོག་ཏུ་སྙན་ཞུ་བྱས་ཏེ་སྨན་བཅོས་བྱེད་པ།

                         མདོ་ལ་རྫོང་མི་རིགས་སློབ་འབྲིང་ནས། 

              

                         

             祁连县民族民族中学疫情防控措施宣传
       通过广大医护工作者和各行各业工作者的努力,截至目前我省乃至全国的疫情防控工作取得了阶段性的成就,但疫情还没有完全得到控制,防护任务依然还很艰巨,所以我们每位师生面对当前的疫情形势要高度重视,绝不能有任何的侥幸心理和疏忽大意的思想。无论是在校园还是在家中防护工作却不能有丝毫的松懈。尤其是我们每位老师要对疫情形势和防护工作要有深入的认识,并借助微信、钉钉、QQ、网络课堂等途径对学生和家长做好宣传讲解工作。
一、病毒的来源
据最新研究新冠状病毒来源于野外生活的蝙蝠,由于人们食用了携带病毒的野生动物,从而感染了野生动物携带的病毒。其实许多野生动物都会携带大量的病毒,而人们却不以为然任然在捕食。像我们常见的蛇、青蛙、旱獭都是病毒携带者,而且有很大可能会传染给人类。其次穿山甲、果子狸、各种龟类也是病毒携带者。
        我们祁连县地处青藏高原,草原上生活有大量的旱獭、草原鼠、狐狸、狼等野生动物,他们都是病毒的携带者。尤其是鼠疫病毒的携带量最为突出。有不少人觊觎狐狸、狼、旱獭等动物的皮毛和骨肉的价值常常违反《野生动物保护法》大肆捕猎,殊不知他们的这种行为不仅违反了法律,还将自己和他人的生命至于危险之中。
因此我们老师应该加强对学生和学生家长的宣传教育工作,提醒他们不能捕杀和食用草原上各类野生动物,而且也不能近距离接触野生动物。若发现捕杀、食用、贩卖野生动物的行为应第一时间报警,并做好密切接触者的消毒和隔离措施。
二、病毒的传播途径
病毒非常细小,我们人类用肉眼根本发现不了,这给我们的防护工作带了不小的挑战,因此我们要熟悉病毒的传播途径,为我们进行有效防护提供帮助。
病毒的传播途径有很多,而且病毒发生变异有也会产生新的传播途径,但就目前来看主要的传播途径有以下几种:
1、飞沫传播。病毒携带者在呼吸、说话时呼出的飞沫会携带大量病毒,近距离接触者呼入后会直接导致感染。这是目前病毒传播的最主要的途径。医学工作者把这一传播途径也称之为呼吸系统传播。因此在日常学习、工作、生活中我们要戴口罩,打喷嚏时用纸巾遮掩口鼻,与人交流讨论时保持1.5米以上距离等防护措施是非常有必要的。
2、接触传播。感染者接触过的东西会在表面附着病毒,他人通过接触感染者接触过的东西也会感染,如:门把手、笔、书本一类的东西。因此在日常生活中每位师生要养成良好的卫生习惯,要做到勤洗手、不共用学习用品、大家经常接触部位要勤消毒或不直接接触。对于我们师生来说要解决的问题就是避免聚集,在课堂上学生之间、学生和老师之间也要保持一定的距离。
3、粪口传播。病毒携带者排除体外的粪便也会携带病毒,接触或食用病毒携带者粪便感染的食品也会造成病毒的感染。因此我们的尿液和粪便要及时用水冲走,厕所也要定期进行消毒。
4、气溶胶传播。这类传播方式大家不太熟悉,简单的说病毒携带者呼出的飞沫个体非常小,会长时间在空中漂浮,如果呼入或接触了漂浮在空中的病毒同样也会导致感染。在生活中抽烟的人早已离去,但我们在空气中依然能闻到烟味就是这个道理。所以戴口罩、及时消毒就显得尤为重要。
三、加强师生个人防护
在学校这个特殊的大家庭中疫情防控不同于一般的家庭防控,结合我们师生学习、工作的实际情况,以下防护措施教师一定要做到位。
1、教师授课时一定要佩戴口罩。
2、师生保持卫生勤洗手。授完课、改完作业、写完作业一定要勤洗手消毒。建议大家使用肥皂或含有70%-80%酒精的免洗洗手液搓手不少于20秒;
3、学生就餐自带餐具,分期、分批、分散用餐。
4、课后教师和学生接触时也要佩戴口罩。
5、上班期间教师车辆不要随意外出。
6、不乱扔垃圾,保持办公室、教师周转房、宿舍、教室、环境整洁。
7、班主任要时刻注意学生的健康情况。
8、住在校外的教师、走读生进出校门要测量体温,安全出行。
9、保持办公室、宿舍、教室内通风,加强体育运动锻炼,做到不扎堆、不聚集。
10、爱护环境,共同抗疫。积极参与卫生清理活动,做到不随地吐痰,不乱扔垃圾,不做环境卫生的破坏者;
11、不轻信谣言,不瞎传信息。
12、师生减少外出,不出校门,不串宿舍、不串班级、不串办公室、不聚餐。
14、拒绝野味,尽量避免接触野生动物,不要捕食、贩卖、购买野味;
15、规律起居,清理居室。早睡早起,规律作息;保持良好的卫生习惯;
16、配合检查,如实报告。  遇到体温检测、信息登记时要及时配合;师生出现发热、咳嗽、呼吸困难和心跳加快等症状时及时报告就医。
                                                       祁连县民族中学


编辑:教育客服
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
教育部 中国现代教育网 不良信息 垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。祁连县民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 祁连县民族中学 版权所有
联系地址:青海省祁连县八宝镇新城区人民路
北京网笑信息技术有限公司 仅提供技术支持 违法和不良信息举报中心